安多藏文化研究中心
 
通知公告
 
  新闻详细页面
当前位置: 本站首页>>专题研究>>历史文化>>正文
 
མཚོ་སྔོན་པོ་ནུབ་རྒྱུད་ཀྱི་ས་མིང་འགའི་འབྱུང་ཁུངས་རགས་ཙམ་དཔྱད་པ།
2018-04-23 09:03 ཨ་ལྡོང་དཔལ་རྡོ་ཐར། 

 

མཚོ་སྔོན་པོ་ནུབ་རྒྱུད་ཀྱི་ས་མིང་འགའི་འབྱུང་ཁུངས་རགས་ཙམ་དཔྱད་པ

 

དང་བོ།མཚོ་ནུབ་ཀྱི་ལོ་རྒྱུས་རྒྱབ་ལྗོངས

 

མཚོ་སྔོན་ཞིར་ཆེན་ཁོངས་ཀྱི་མཚོ་སྔོན་པོའི་ནུབ་རྒྱུད་གཤམ་ནས་མཚོ་ནུབ་ཞེས་བསྡུས་ས་ཁུལ་ནིམདོ་འབུས་མཐོ་སྒང་གི་བྱང་ཕྱོགས་སུ་གནས་ཤིང༌ས་རྒྱར་སྤྱི་ལེ་ཁ་གང་མ་བཞི་བཅུ་ལྷག་ཡོད་ལབོད་ཁམས་ལས་མདོ་སྨད་ཀྱི་ཁོངས་སུ་གཏོགསལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་གནས་དེའི་ཐོག་མའི་བདག་པོ་ནི་རྒྱའི་དེབ་ཐེར་ལས་བོད་ཀྱི་མེས་པོར་བཤད་པའི་ཡིན་ལབོད་ཀྱི་ལོ་རྒྱུས་ལྟར་ན་གདོད་མའི་རུས་ཆེན་ཁྲོད་ཀྱི་སུམ་པ་འབྲུ་རིགས་དང་མི་ཉགལྡོང་རིགས་གཉིས་ཡིན་པ་གྲགསབོད་ཞེས་པའི་ཐ་སྙད་འདི་མ་ཐོགས་པའི་ཡར་སྔོན་དུ་དེའི་མེས་པོ་རྣམས་རིགས་གཅིག་ཡིན་ཀྱང་རུས་མི་འདྲ་བ་སྟེགནས་དེར་འཁྱམས་པར་བཤད་པའི་སྒ་འབྲུ་ལྡོང་ལ་སོགས་མང་དུ་ཡོད་པ་དེ་རྣམས་ལསྐབས་དེར་བོད་ཞེས་མི་འབོད་ཀྱང་བོད་དང་གདུང་རྒྱུད་གཅིག་ཡིན་པ་གོར་མ་ཆགབོད་བཙན་པོའི་རྒྱལ་རབས་སྔ་རོལ་དུ་གནས་འདིའི་ནུབ་ཕྱོགས་ནི་བོད་ཀྱི་རུས་ཆེན་ཏེ་སུམ་པ་འབྲི་རིགས་ཀྱིས་བཟུང་ཡོད་པ་དང་ཤར་ཕྱོགས་མི་ཉགལྡོང་རིགས་འཚོ་གནས་བྱེད་པའི་ས་ཡིན་པ་བོད་རྒྱའི་དེབ་ཐེར་ལས་མངོན་གསལ་དུ་བསྟན་ཡོདདེ་ནས་བོད་སྤུར་རྒྱལ་དྲག་ཏུ་རྒྱས་ཏེ་ས་དེ་ཀུན་མངའ་བདག་བྱས་ཤིང༌བོད་ཁམས་གཅིག་གྱུར་བྱུང་སྟེ་སྟོབས་འབྱོར་དང་མངའ་ཐང་བླ་ན་མེད་པ་བྱུང༌སྐབས་དེར་བོད་ཀྱིས་ཨན་ཞི་སྡེ་བཞི་(安西四镇)ལ་སོགས་དབང་དུ་བསྡུས་ཡོད་པསམཚོ་ནུབ་ས་ཁུལ་ནི་བོད་ཀྱི་ནང་ལོགས་སུ་གྱུར་ཡོདབོད་རྒྱལ་སིལ་བུར་ཐོར་རྗེས་གནས་དེ་ཐམས་ཅད་བཙན་པོའི་གདུང་རྒྱུད་ལས་མཆེད་པའི་ཙོང་ཁ་རྒྱལ་བོ་སྟེཁྲི་གནམ་ལྡེ་བོན་བཙན་པོ་རྒྱལ་སྲས་ལགས་ཀྱིས་མངའ་བདག་བྱས་ཡོདདེ་ནས་སོག་དམག་གིས་མི་ཉག་བཅོམ་རྗེས་༡༢༣༥ལོར་བོད་ཀྱི་ས་ཆར་ཐོག་མར་བསླེབསཁོ་ཚོས་བོད་ཀྱི་སྤྱི་ཚོགས་ངོ་བོ་དང་དབང་ཆའི་གྲུབ་ལུགས་ལ་གཞིགས་ནསབླ་ཆེན་རིམ་པ་བཞིན་གདན་དྲངས་ཏེ་སྤྱི་དབང་བཟུང་བ་ལསདྲག་དམག་ཆེན་པོ་མ་དྲངས་ཤིང་སའང་བཙན་བཟུང་མ་བྱས་པསགནས་འདི་ཡོན་རྒྱལ་སྐབས་སུའང་བོད་གྱི་ཕ་ས་གཙོ་བོ་ཞིག་ཡིན་པ་རྒྱའི་དེབ་ཐེར་ལ་གསལ་བོ་བཀོད་ཡོདའོན་ཀྱང་ཚྭ་འདན་སོགས་མདོ་སྨད་བོད་ཀྱི་ས་མཚམས་སུ་གནས་པའི་རྒྱལ་ཕྲན་དང་ཚོ་བ་བཙན་དྲག་ཅན་ཁ་ཁེར་གྱིས་སོག་པོ་ལ་ངོ་རྒོལ་བྱས་ཏེ་འཁྲུག་ཆེན་འཁྲུག་ཆུང་མི་ཉུང་བ་བྱུང་བ་དང་འཐབ་འཁྲུག་ནང་མཚོ་ནུབ་ས་ཁུལ་ནི་སོག་དམག་ནུབ་ཕྱོགས་སུ་བསྐྱོད་པའི་འགྲོ་ལམ་དུ་གྱུར་ཡོད་པའི་རྐྱེན་གྱིསསྐབས་དེ་ནས་བཟུང་གནས་དེའི་བོད་མི་མང་ཆེ་ཤོས་རྒྱུ་རྐྱེན་དེ་དག་ལ་བཙན་བྱོལ་བྱས་ཏེགནས་སྤོས་ཀྱིས་ལ་ལ་ལྷོ་ཕྱོགས་དང་ལ་ལ་ནུབ་ཕྱོགས་སུ་ཆད་འགོ་བརྩམསམེན་རྒྱལ་རབས་གསར་ཏུ་བཙུགས་པའི་སྐབས་སུ་གནས་དེར་ད་དུང་བོད་ཀྱི་ཚོ་ཆེན་ཨ་ལྡོང་(阿端)དང་ཕོ་ལྡོང༌(罕东)ཨ་སྡེ(安定)ཆུ་སྐྱ་(曲先)ལ་སོགས་པའི་བཅུ་ཕྲག་འགའ་གནསགནས་དེའི་བོད་མི་རྣམས་བྱང་ཕྱོགས་ཀྱི་སོག་པོ་དང་ལོ་བརྒྱ་ཕྲག་དུ་མའི་རིང་ལ་ཟང་ཟིང་འཇགས་འཇགས་ངང་་ཡུལ་དེར་འཚོ་གནས་བྱས་མོདརྗེས་སུ་ལོ་༡༥༡༢ནས་ལོ་༡༥༥༩ཡི་བར་ལ་སྨད་སོག་གི་ཚོ་དཔོན་ཡེ་པུ་ཚི་(亦卜刺)དང་པུ་འེ་ཧེ་(卜儿亥)ཨན་ཏཱ་ཧན་(俺达汗)གྱིས་ཚོ་ཁག་གི་དམག་ཁྲིད་དེ་རིམ་པ་བཞིན་བོད་ཀྱི་ཚོ་བ་དེ་དག་ལ་དྲ་མ་དྲངསལོ་གང་མང་ལ་སོག་པོ་དང་རེས་འཐབ་རེས་འཆམ་བྱེད་པའི་ཚུལ་གྱིས་བོད་ཀྱི་ཚོ་བ་དག་གིས་མཐར་དེའི་སྟོབས་ཤུགས་ལ་མ་ནུས་པ་དང་རྩ་ཐང་བྱེ་འགྱུར་ལན་གཉིས་ཀྱིས་ཙོང་ཁ་དང་རྨ་ཆུ་ལྷོ་ཕྱོགས་སུ་བྱོལ་ནུར་བྱས་ཏེ་ས་ཐམས་ཅད་སོག་པོའི་ཚོ་བ་དེ་དག་ལ་ཤོརམེན་རྒྱལ་རབས་མཇུག་མཐའི་སྐབས་སུ་དེང་གི་ཞིན་ཅང་བྱང་ཕྱོགས་ཀྱི་སོག་པོའི་ཚོ་བ་འེ་ལུ་ཐུ་(厄鲁特)གཞི་འཕོས་ཀྱིས་འཁྱམས་ཏེ་༡༦༣༧ལོར་མཚོ་ནུབ་ས་ཁུལ་ཏུ་བསླེབས་ཤིང༌ལོ་དུ་མར་ཡེ་པུ་ཚི་ལ་སོགས་པའི་སོག་པོའི་ཚོ་བ་གཞན་དག་ལ་འཐབ་སྟེདེ་རྣམས་ཕམ་པར་བརྒྱབ་ཅིང་མངའ་ཁོངས་ཀྱི་ས་ཕལ་ཆེར་བཟུང་སྟེ་འཚོ་གནས་བྱསདེས་ན་མཚོ་ནུབ་ས་ཁུལ་གྱི་ད་ལྟའི་སོག་པོ་རྣམས་ནི་དེའི་རིགས་རྒྱུད་ཡིན་ལ་དེ་ལྟར་གཞིས་སྡོད་ཀྱིས་རྐང་ཆགས་པ་ཡིན་ནོ། །

 

ལོ་དུ་མའི་རིང་རྨ་ཆུ་ལྷོ་རྒྱུད་དུ་འཁྱམས་པའི་བོད་པ་རྣམས་ཀྱིས་སྤྱི་ལོ་༡༥༩༥ལོ་ནས་བཟུང་ལོ་༢༥༠ལྷག་གི་རིང་ལཕྱིར་རྨ་ཆུ་བརྒལ་ཞིང་བྱང་བསྐྱོད་བྱས་ཏེ་རང་ཉིད་ཀྱི་ཕ་ས་ཚྭ་འདམ་གཞོང་ཕྱིར་ལེན་འགོ་ཐེངས་གང་མང་བརྩམས་མོདསོག་པོས་ཕྱིར་བཙན་བསྐྲད་བྱས་པས་གཏན་དུ་སྡོད་མ་ནུསདེ་བཞིན་ཆིན་རྒྱལ་རབས་༡༧༢༣ལོར་དེ་ཕྱོགས་ཀྱི་སོག་པོས་ཆིན་གོང་མར་ངོ་ལོག་བྱས་པས་ཆིན་དམག་གིས་སོག་པོ་མང་ཆེ་ཤོས་བཅོམདེ་ནས་བཟུང་སོག་པོའི་སྟོབས་ཤུགས་ཉམས་མས་སུ་གྱུར་ཏེ་བོད་ཀྱི་ཚོ་བ་ཁ་ཤས་ཏེ་བང་སྟག་དང་རུ་སྔནསྒོ་མེདགུ་རུ་ལ་སོགས་ཀྱིས་མེས་པོ་རྣམས་ཀྱི་ཞབས་རྗེས་བསྙེགས་ཏེསླར་ཡང་མཚོ་ནུབ་ཏུ་བསྐྱོད་འགོ་བརྩམས་ཏེ་སོག་པོ་རྣམས་ནུབ་བྱང་བྱེ་སའི་བར་དུ་བསྐྲད་དེ་གཤིན་ས་ཐམས་ཅད་བླངསད་ལྟའི་བོད་ས་སྤང་རི་ཅན་དང་སོག་ས་བྱེ་ཐང་ཅན་གྱི་ཆགས་ཚུལ་ནི་དེ་བཞིན་གྲུབ་པ་ཞིག་ཡིན་ཚོད་འདུག

 

གོང་ནས་ལོ་རྒྱུས་རག་བསྡུས་ཙམ་བརྗོད་པ་དེ་ནས་ང་ཚོས་མཚོ་ནུབ་ས་ཁུལ་གྱི་ལོ་རྒྱུས་སྟེང་གི་ཡུལ་མིའི་བྱོན་རིམ་ཤེས་ཐུབ་ལབོད་དང་སོག་པོས་གནས་དེ་རེས་མོས་ཀྱིས་འཛིན་བཟུང་བྱས་པའི་དུས་ཡུན་ཡང་ཤེས་ཐུབསྤྱིར་གནས་འདི་བོད་ཀྱི་གནའ་བོའི་ཡུལ་ཁམས་ཤིག་ཡིན་པ་དེང་སང་གནས་འདིའི་རི་ལུང་ཆུ་ལུང་ག་ས་གང་དུ་འདུག་པའི་གནའ་བོའི་བོད་ཀྱི་བང་སོ་དང་བྲག་རྐོས་རི་མོ་”བཅས་ནས་ཀྱང་བདེན་དཔུང་བྱེད་ཐུབའོན་ཀྱང་ལོ་རྒྱུས་རྒྱབ་ལྗོངས་དེར་མ་གཞིགས་པ་རྣམས་ཀྱིས་དེང་གི་སོག་པོ་ཁོ་ན་གནས་པའི་ས་ཆའི་ས་མིང་གི་འབྱུང་ཁུངས་བཤད་པ་ལ་ཐམས་ཅད་སོག་པོའི་མིང་བརྡ་ཁོ་ན་ལ་བཙན་སྦྱོར་བྱས་ཡོད་པསརྒྱ་ཡིག་གི་དུས་དེབ་ཚགས་པར་དང་བརྙན་འཕྲིན་རྒྱང་སྒྲོག་ལ་སོགས་པའི་སྨྱན་བྱེད་ལས་ཀྱང་དེ་བཞིན་གྱིས་དྲིལ་སྒྲོག་བྱས་པས་ཁྱབ་རྡོ་ཁྱབ་དུ་སོང་ཡོདདོན་དམ་པས་གནས་དེའི་ས་མིང་གི་འབྱུང་ཁུངས་ལ་བོད་སོག་སྐད་གཉིས་སྤྱད་ནས་དཔྱད་པ་བཏང་ན་ཆོས་ཉིད་དང་མཐུན་ཞིང་ལོ་རྒྱུས་ཀྱི་འགྲོས་ལའང་མཐུན་པ་ཡིནམིང་འགའ་ཞིག་སོག་སྐད་ཁོ་ནར་བཙན་ཤེད་ཀྱིས་སྦྱར་ན་བདེན་བཞག་ཅི་ནས་ཀྱང་ཡོང་མི་ཐུབ་བོ

 

དེ་བས་ལོ་རྒྱུས་སྨྲ་བ་དང་རིག་གཞུང་གླེང་བའི་བློ་གཟུར་གནས་པ་ཞིག་གི་ལྟ་ཕྱོགས་ཀྱི་ངོས་ནས་བལྟས་ནས་དེར་སོག་སྐད་ཡིན་ཞེས་བསྒྲགས་པའི་ས་མིང་དུ་མ་ཞིག་དོན་དངོས་སུ་བོད་སྐད་ལས་བྱུང་བ་ཡིན་པ་རྡོ་ཐོག་ཏུ་རི་མོ་བརྐོས་པ་བཞིན་གསལ་གྱི་ལེར་འདུགས་མིང་དེ་དག་ཅིའི་ཕྱིར་སོག་སྐད་ཏུ་གྱུར་པ་ནི་བར་ལམ་གྱི་ལོ་རྒྱུས་རྒྱབ་ལྗོངས་ནས་རྒྱུ་རྐྱེན་འཚོལ་དགོས་ཏེགནས་འདིའི་ས་མིང་ཕྱི་ཕྱོགས་ལ་ར་སྤྲོད་བྱེད་པ་ནི་མཚོ་སྔོན་བཅིངས་འགྲོལ་བྱས་རྗེས་ཀྱི་ཚྭ་འདམ་གསར་གཏོད་ནས་བཟུང་འགོ་བརྩམས་པ་རེདསྐབས་དེའི་གསར་གཏོད་མཁན་དག་ནི་རྒྱ་རིགས་ཡིན་པས་ས་མིང་ཐམས་ཅན་ཐོག་མར་མིང་ཐོ་འགོད་སྐབས་སོག་སྐད་ཀྱི་མིང་བརྡའི་སྒྲ་གདངས་དང་ཅི་བཞིན་དུ་འགྲིག་ན་དེ་བཞིནབཀོད་པ་ལསདེ་དག་གི་བདེན་རྫུན་ལ་ལོ་རྒྱུས་དང་རིག་གཞུང་གི་སྟེང་ནས་དཔྱད་པ་ཅུང་ཟད་ཙམ་ཡང་བཏང་མེད་པསྐབས་དེའི་མཚོ་ནུབ་ཁུལ་གྱི་རིག་གནས་ལོ་རྒྱུས་དཔྱད་ཡིག་ལས་གསལ་བོར་ཤེས་ཐུབསྐབས་དེའི་ས་མིང་འགོད་མཁན་དག་ལ་མཚོན་ན་ས་མིང་ཕབ་པ་དེས་ས་དེའི་གནས་ངོས་འཛིན་བྱས་པ་ཙམ་ལས་ལོ་རྒྱུས་དང་རིག་གནས་སོགས་ཀྱི་ཕྱོགས་གཞན་ལ་བསམ་བློ་བཏང་མེད་པསད་ལྟའི་སོག་པོ་རྣམས་ཀྱིས་ས་མིང་དེ་དག་ལ་རང་ཉིད་ཀྱི་སྐད་གདངས་དང་མཐུན་པའི་ཐ་སྙད་ཅིག་ཚུར་དྲངས་ཏེཚིག་རྒྱན་གྱིས་སྒྲོ་བཏགས་པའི་སྒོ་ནས་ཅི་འདོད་དུ་འགྲེལ་བཤད་བགྱིད་པ་ཁོ་པ་ཚོའི་ལུགས་སུ་འཛིན་བཞིན་ཡོད་པ་འདི་ལྟ་སྟེདཔེར་ན可可西里ལ་མཛེས་སྡུག་ལྡན་པའི་བུ་མོ་”དང་都兰ལ་དྲོད་འཁོལ察尔汗ལ་ཚྭ་ཁུའི་འཛམ་གླིང་德令哈ལ་གསེར་མདོག་གི་འཛམ་གླིང་ཞེས་བཀྲལ་ཡོད་པ་རེདའོན་ཀྱང་ས་མིང་དེ་དག་སོག་སྐད་ཀྱི་སྒྲ་དོན་གཉིས་ཀར་ཐོད་གཏུག་ན་འགལ་བར་མཆིས་པས་རས་ཁུག་ཏུ་ཅི་ཀྱང་ཆུ་མི་ཚོགས་པ་བཞིན་འཛག་བཞིན་མཆིསདཔེར་ན་སོག་སྐད་ལས་སྔོན་ཆད་柴达木ལ་ཚྭའི་འདམ་ཞེས་སྒྲོག་བཞིན་ཡོད་མོདད་ལྟ་འགྱུར་ནས་རྒྱ་ཆེ་བའི་རྩྭ་ཐང་ཞེས་འགྲེལ་བཞིན་ཡོད་པ་དང་德令哈ལ་སྔོན་ཆད་འཛམ་གླིང་ཞེས་བསྒྲགས་མོདད་ལྟ་གསེར་མདོག་གི་རྩྭ་ཐང་ཞེས་བརྗེས་ཡོད་པ་དང་དེ་བཞིན་དུ་察尔汗ལ་ཡང་སྔོན་ཆད་སྐྱ་མདོག་ཞེས་བྱ་མོདད་ལྟ་ཚྭ་ཁུའི་འཛམ་གླིང་ཞེས་བསྒྱུར་འདུག་པ་སོགས་ཀྱིས་ཕར་ལོག་ཚུར་ལོག་བྱེད་བཞིན་ངེས་གཏན་ཞིག་མེད་པ་དེ་ནི་མཐར་ཐུག་པའི་འབྱུང་ཁུངས་འདྲེན་རྒྱུ་མེད་པས་སོ

 

གཉིས་པ། མཚོ་ནུབ་ཀྱི་ས་མིང་འབྱུང་ཁུངས

 

༡. 柴达木

 

ཚྭ་འདམ་ཞེས་པའི་ས་མིང་འདི་ནི་བོད་གྱི་ཐ་སྙད་རྣལ་མ་ཞིག་ཡིན་མོདདེང་གི་རྣམ་པ་ཀུན་ཏུ་ཁྱབ་པའི་རྒྱ་སྐད་ཡིག་གི་དུས་དེབ་དང་བརྙན་འཕྲིན་སོགས་སྨྱན་བྱེད་གང་མང་ཏུདེ་ལ་སོག་སྐད་ཡིན་ལ་དོན་དུ་ཚྭ་ཆུའི་འདམ་ཡིན་ནོ་ཞེས་བརྗོད་པ་ཕལ་ཆེར་ས་ཁྱབ་རྡོ་ཁྱབ་ཏུ་སོང་ཡོདདོན་དུ་སོག་སྐད་ལས་ཚྭ་ལ་ད་བོ་སུ་ཞེས་འབོད་པ་དང་འདམ་ལ་ནཱ་མུ་ཁུ་ཞེས་བརྗོད་པསརྒྱ་ཡིག་ལ་འཁོད་པའི་柴达木གང་དེའི་མིང་དོན་སྒྲ་གསུམ་ལ་འགལ་བ་ལྟག་སྤྲོད་དུ་ཡོདདེ་དང་སྡུར་ན་རང་རེའི་བོད་སྐད་ཀྱི་ཚྭ་འདམ་ཞེས་པའི་དོད་དུ་བཀོད་པར་བརྗོད་ན་སྒྲ་དོན་གྱི་ཕྱོགས་གང་ཐད་ནས་ཀྱང་མཐུན་པར་ངེསཏུ་ཧོང་ཡིག་རྙིང་ལས་“སྟགི་ལོ་ལ་བབསྟེ་་་་་་དགུན་སྟོད་འདུན་མ་གླགི་རྱུ་བྱེརའདུསདགུན་སྨད་མདན་དུ་འདུསྟེ་་་་་་”ཞེས་བཀོད་ཡོད་ལ[]སྐབས་དེའི་ལོ་རྒྱུས་རྒྱབ་ལྗོངས་ལ་གཞིགས་ན་“མདན”ཞེས་པའི་ས་མིང་དེ་མདོ་སྨད་གྱི་གནས་འདི་སྟོན་པ་ངེས་གཏན་བྱེད་མི་ཐུབ་ཀྱང་དེ་བཞིན་པའི་ས་མིང་ཐོགས་ལུགས་བོད་ལ་གནའ་སྔ་མོ་ནས་མཆིས་པ་ཤེས་ཐུབགཞན་ཡང་དུས་རབས་བཅུ་དགུ་བའི་སུའུ་ལན་སྔོན་མའི་སྐབས་ཀྱི་སོག་བོད་ཡིག་རིགས་གཉིས་ཀར་མཁས་པའི་གནས་སྐོར་བ་སོག་རིགས་པུ་ལུ་ཡ་ཐེའི་ཁོངས་གཏོགས་ཚའེ་པའེ་ཁའུ་ཧྥུ་(崔比克夫)ཡིས་བརྩམས་པའི་གནས་མཆོག་ལྷ་སར་འདུག་པའི་འཇལ་བ་ཞེས་པ་ལས་柴达木ཞེས་པ་བོད་སྐད་ཡིན་ལ་དོན་དུ་ཚྭ་ཆུའི་འདམ་མམ་རྫིང་ཡིན་[]ཞེས་བཀོད་ཡོད་པ་དང༌དུས་རབས་བཅོ་བརྒྱད་པའི་ཨ་མེ་རུ་ཁའི་འཇལ་སྐོར་བ་ཡའེ་ཁའེ་རའེ་(依克柔)ཡི་བརྩམས་ཆོས་སོག་བོད་ས་ཆ་བརྒྱུད་པའི་ལྗོངས་རྒྱུའི་རྣམ་ཐར་ལས་柴达木ལ་དབྱིན་ཡིག་ནས་“tsa dam”[]ཞེས་བཀོད་ཡོད་པ་དེ་ཡང་བོད་ཡིག་གི་དབྱངས་གསལ་དབྱིན་ཡིག་ལ་སྦྱར་པའི་སྒྲ་གདངས་དང་ཤིན་ཏུ་ཆ་འདྲ་བར་ཡོད་དོདེ་མིན་དེབ་ཐེར་ནོར་བུ་ལས་ཇང་གུར་རྒྱལ་བོ་༡༢༠༦ལོར་བོད་ལ་དཔུང་འཇུག་བྱེད་སྐབས་བོད་ཀྱི་དཔོན་པོ་ཧོལ་ནོ་ཡོན་གྱིས་རྔ་མོང་སོགས་ལེགས་འབུལ་ཁྱེར་ཏེ་ཚ་འདམ་དུ་ཕྱིན་[]ཞེས་བཀོད་ཡོད་པ་དང་གེ་སར་སྒྲུང་ལས་ཀྱང་ཚྭ་འདམ་རྒྱལ་བོ་ཞེས་པའི་མིང་བཀོད་ཡོད་པར་བལྟས་ན柴达木ཞེས་པའི་ས་མིང་འདི་ཐོག་མར་བོད་སྐད་ཀྱི་ཚྭ་འདམ་ལས་ཐོན་པ་ཤ་སྟག་ཉིད་དུ་གྲུབ་འདུག།

 

༢. 可可西里

 

ས་མིང་འདིར་སོག་སྐད་ལས་བཤད་ན་དེའི་དོན་ནི་མཛེས་སྡུག་ལྡན་པའི་བུ་མོ་ཟེར་མོདཁོ་ཚོའི་ལོ་རྒྱུས་རྒན་པོ་དང་ཤེས་ཡོན་ཅན་གང་རུང་ལ་གཏིང་ཟབ་པར་བཅར་འདྲི་བྱས་ནསྐད་གདངས་ཁུ་ཁོན་དང་ཞི་ལི་ཞེས་པའི་མིང་ཚིག་གི་སྒྲ་དང་མཚུངས་བའི་རྒྱུན་མཚན་འདྲེན་པ་ཙམ་ལས་གཞན་པའི་ལུང་དང་རིགས་པའི་སྒོ་ནས་བཤད་རྒྱུ་ཅི་ཡང་མི་འདུགལྷག་པར་དུ་ཅིའི་ཕྱིར་མཛེས་སྡུག་ལྡན་པའི་བུ་མོ་ཞེས་ཐོགས་པར་དྲིས་ན་དོན་ལ་གཞོལ་བའི་ཁུངས་ཅི་ཡང་དྲང་རྒྱུ་མི་འདུག་པསའགའ་ཞིག་ཀྱང་གཞན་པའི་མིང་ཚིག་དྲངས་ཏེ་མཐིང་མདོག་གི་རི་བོ་ཞེས་འགྲེལ་བཞིན་ཡོདསོག་སྐད་མ་ཡིན་བཞིན་དུ་སྒྲ་ཙམ་གྱིས་སོག་སྐད་ལ་སྦྱར་ཏེ་ཨུ་ཚུགས་ཀྱིས་འགྲེལ་བཤད་བརྒྱབ་ན་གནས་ལུགས་ག་ལ་ཡོདས་མིང་ལ་མཛེས་སྡུག་ལྡན་པའི་བུ་མོ་ཞེས་འབོད་པ་ནི་སོག་སྐད་ཀྱི་ས་མིང་ཐོགས་ཚུལ་དང་གཏན་ནས་མི་མཐུནམདོར་ན་ས་མིང་འདིར་སོག་སྐད་ཀྱི་ལོ་རྒྱུས་རྒྱབ་ལྗོངས་བཤད་རྒྱུ་མེད་པ་མ་ཟདགནས་དེ་ནི་ལོ་རྒྱུས་རིམ་བྱོན་དུ་བོད་ཀྱི་འཚོ་གནས་རྒྱུན་མ་ཆད་པའི་ཕ་ས་ཕ་ཡུལ་ཞིག་ཡིན་པས་སོག་སྐད་ཀྱི་མིང་ཞིག་ཐོགས་དོན་དེ་བས་ཀྱང་མི་འདུགབུ་རབས་ཚ་རྒྱུད་དུ་གནས་དེར་འཚོ་གནས་བྱེད་བཞིན་པའི་གདང་ལ་དང་ཆུ་དམར་ལེབ་ཀྱི་འབྲོག་པ་རྣམས་ལས་མིང་དེའི་འབྱུང་ཁུངས་དྲིས་ན་མགྲིན་པ་གཅིག་མཚུངས་ཀྱིས་བོད་སྐད་ཡིན་ཏེ་གུ་གུ་ཤལཟེར་བ་ལས་གཞན་ཅི་ཡང་བཤད་རྒྱུ་མི་འདུགགུ་གུ་ཤལ་ཟེར་བ་ནི་བོད་སྐད་ཀྱི་བརྡ་རྙིང་ནང་རྒྱུ་ཟངས་ལས་གྲུབ་ཅིང་དབྱིབས་ཅ་ནེ་ལེབ་མོར་འདྲ་བའི་སྣོད་སྤྱད་འཐུང་དཀར་དུ་འཛིན་པ་ཞིག་གི་མིང་ཡིན་ལཁོ་ཚོས་བཤད་ན་གནས་འདིའི་ས་དབྱིབས་ཆགས་ཚུལ་དེ་དང་མཚུངས་པས་གུ་གུ་ཤལ་”དུ་ཐོགས་པ་ཡིན་ཟེརབཤད་ཚུལ་འདི་ནི་ས་དབྱིབས་ཆགས་ཚུལ་གྱི་ཐོག་ནས་དཔྱད་ན་བདེན་དཔུང་བྱེད་ཐུབ་སྟེགནས་དེའི་ཤར་ལྷོ་བྱང་གསུམ་དུ་རི་སྒང་གིས་སྐོར་ཡོད་པས་དཀྱིལ་དམའ་ཞིང་མཐའ་མཐོ་བས་ཅ་ནེའི་དབྱིབས་དང་འདྲ་བ་མ་ཟདསྒྲ་གདངས་གི་ཆ་ནས་བོད་སྐད་ཀྱི་གུ་གུ་”ནི་རྒྱ་ཡིག་ནང་可可”ལ་གྱུར་པ་དང༌བོད་སྐད་ཀྱི་ཤལ་”ནི་རྒྱ་ཡིག་ནང་西里ལ་གྱུར་པས་དེ་གཉིས་ཧ་ཅང་མཐུན་པར་ངེས་མོད可可西里ཞེས་སྒྲ་འགྱུར་གྱིས་བྱུང་བ་ནི་བོད་ཀྱི་མིང་དེ་སོག་སྐད་ཀྱི་ངག་ལས་ཐོན་པའི་མཇུག་འབྲས་ཉིད་དུ་སྲིད་དོ།། དོན་དངོས་སུ་མིང་དེ་ཉིད་བོད་སྐད་ཀྱི་གུ་གུ་ཤལ་ལས་འཕྲོས་པ་ཡིན་ཞིངརྒྱ་སྐད་ལ་དོན་སྒྱུར་བྱས་ན་景泰蓝钵ཟེར་བར་འབྱུང་ལདེ་ལྟར་སྤྱད་ན་ས་མིང་གི་ཐོགས་དོན་ལ་ཉེ་བར་འབྲེལ་ན་ཡང་སྒྲ་དེས་ས་ཁུལ་འདི་བདེ་བླག་ངང་སྟོན་མི་ཐུབ་པསཐོག་མའི་གདགས་དོན་བོད་སྐད་ཀྱི་ངོས་ནས་བྱུང་བའི་可可西里སོར་འཇོག་བྱས་ཏེགོ་དོན་གྱི་འགྲེལ་བཤད་ས་བདག་རྒན་པོའི་ངག་ལས་བྱུང་བའི་“གུ་གུ་ཤལ་”དུ་བརྗོད་ན་ལོ་རྒྱུས་ཀྱི་གནད་ལའང་འབྱོར་བ་རེདཨ་ཆེན་གངས་རྒྱབ་ཞེས་པ་ནི་གུ་གུ་ཤལ་”གྱི་མངའ་ཁོངས་སུ་གཏོགས་པའི་ས་ཁུལ་གང་དེའི་ཆེ་ཕྱོགས་ཙམ་སྟོན་པའི་ས་མིང་ཞིག་ཡིན་པསདེ་ལྟར་བོས་ནའང་ཆོག་ཆོག་ཡིན

 

༣. 唐古拉

 

ས་མིང་འདིར་སོག་སྐད་ལས་བཤད་ན་བྱ་གླག་འཕངས་སྐྱོད་མི་ཐུབ་པའི་རི་བོའི་དོན་ཡིན་ཟེར་མོདདོན་དམ་པར་བོད་སྐད་ནང་བྱ་རྒོད་ལྡིང་བའི་ལ་ཞེས་བཤད་སྲོལ་ཡོད་པསམཚོ་ནུབ་སྲིད་གཞུང་གིས་བསྒྲིགས་པའི་མཚོ་ནུབ་ས་མིང་ལོ་རྒྱུས་[]ལས་ཀྱང་བོད་སྐད་ཡིན་པར་བཀོད་ཡོད་ཅིང་དོན་ཡང་དེ་ལྟར་བཀྲལ་ཡོདསོག་སྐད་ནང་བྱ་གླག་ལ་པུ་རོ་ཀུ་ཐུ་ཟེར་བ་དང་འཕངས་སྐྱོད་པ་ལ་ནེ་སུ་ཀུ་ཟེརདེར་རྟེན་བཅས་ཀྱིས་འབྲེལ་བའི་“རི་བོ་ལ་བོ་ལ་ཟེར་བསསོག་མིང་དེ་དག་ཇི་ལྟར་བསྒྲིགས་ནའང་唐古拉ཞེས་པའི་སྒྲ་གདངས་དང་ཡེ་ནས་མི་མཐུན་པ་མ་ཟདནང་དོན་གྱི་ཆ་ནས་ཀྱང་གཏན་ནས་མཐུན་ཐབས་མེད་པས་ཐ་དད་ཉིད་དུ་འདུག་པ་ཤིན་ཏུ་གསལས་གནས་དེའི་གཞིས་སྡོད་བོད་འབྲོག་རྣམས་ཀྱིས་བཤད་ནགནས་དེ་ནི་ཨ་ཆེན་གངས་རིའི་ཡན་ལག་གི་རི་རྒྱུད་ཅིག་ཡིན་ལ་རི་སྒང་དྲང་ཞིང་རིང་བས་གདང་འཐེན་པ་ཞིག་དང་འདྲ་བས་གདང་ལ་ཞེས་ཐོགས་པ་ཡིན་ཟེརདེར་ད་དུང་ཡུལ་མི་རྣམས་ཀྱིས་“གདང་མགོ་ལ་”ཡང་ཟེར་བས་རྒྱ་སྐད་ལ་唐古拉ཞེས་བཀོད་པ་རེདདེ་དང་དེའི་ནུབ་ཕྱོགས་སུ་འདུག་པའི་ལ་རྒན་ལ་ཟེར་བའི་ས་མིང་འདི་ཡང་བོད་སྐད་ཤ་སྟག་ཡིན་ཏེདེ་དང་ཆ་མཐུན་པའི་བོད་ཀྱི་ས་མིང་ཤིན་ཏུ་མང་སྟེ་སྐམ་པ་ལ་”དང་མདོ་ལ་”དང་ཙོང་ལ་”ལ་སོགས་པ་ས་བབ་མཐོ་ཞིང་ལ་རྒྱུད་རིང་ལ་དཀན་གཟར་བས་དེ་ལྟར་ཐོགས་པ་རེདརྒྱ་སྐད་ལ་དོན་འགྲེལ་བྱས་ན་དེ་ནི་架子梁ཞེས་པའི་དོན་ཡིནདེ་ནི་ཁོར་ཡུག་དང་འབྲེལ་བའི་བོད་ཀྱི་ས་མིང་འདོགས་ཚུལ་གྱི་རིག་གནས་སྣང་ཚུལ་གལ་ཆེན་ཞིག་ཡིན་ནོ

 

༤. 格尔木

 

ས་མིང་འདིར་སོག་སྐད་ལས་བཤད་ན་ཆུ་སྣ་མང་བོ་འཛོམས་པའི་ས་ཆ་ཞེས་པའི་དོན་ཡིན་ཟེར་མོདདོན་དུ་སོག་སྐད་ལས་ཆུ་བོ་ལ་གོ་ལུ་ཟེར་བ་格尔བའི་སྒྲ་དང་ཅུང་མཚུངས་ལམང་བོ་འཛོམས་པར་ཆི་ཅི་ཀི་ལི་ཀེ་དང་ཉི་ཐུ་ལ་ཀོ་ལུ་ཧུཧོ་རུ་ཧུཆོ་ལུ་ཀོ་འུ་ལུ་ཧུ་བཅས་རྣམ་གྲངས་ལྔ་ཙམ་འབྱུང་བ་དང༌ས་ཆ་ལ་ཀ་ཙུར་ཟེར་ཞིང་ཐ་སྙད་གཅིག་མ་གཏོགས་མི་འབྱུང་བསདེ་དག་ཅི་ལྟར་བསྒྲིགས་ཀྱང་སྒྲ་ཅུང་ཙམ་ཉེ་བ་ནི་སྔ་མ་ཡིན་གྱི་ཕྱི་མ་”ཡིག་ལ་དོད་མཚུངས་ཡེ་མེད་པས་སྒྲ་གདངས་ཁ་ཁ་ཡིན་པ་མ་ཟདནང་དོན་གྱི་ཆ་ནས་ཀྱང་གནས་དེར་ཆུ་རྒྱུན་གཅིག་བཞུར་པ་ལས་ཆུ་སྣ་མང་བོ་འཛོམས་ས་ཞིག་གཏན་ནས་མ་ཡིན་པསསྒྲ་དོན་གང་གི་ཆ་ནས་ཀྱང་དེ་ལྟར་འགྲེལ་ན་འབྱོར་ཐབས་གཏན་ནས་མེད་པ་གསལ་བོ་རེདའོན་ཀྱང་ས་འདི་དང་ཉེ་བའི་གཏེར་ལམ་རྫོང་གི་བོད་ཀྱི་གནའ་བོའི་བང་སོ་ལས་ཐོན་པའི་ཤིང་ཁྲམ་གྱི་ཡི་གེ་ལས་ཀྱང་མ་གུར་ཞེས་པའི་ས་མིང་ཞིག་བྱུང་ཡོད་པར་གཞིགས་ནཧ་ལམ་འདིར་སྙེགས་པ་ཤས་ཆེ་བས་གང་ལྟར་གནའ་བོའི་བོད་ཀྱི་གཞི་གནས་གལ་ཆེན་ཞིག་ཡིན་པ་བསྟན་ཡོདདབུས་གཙང་དང་ཨ་མདོ་ཕྱོགས་ཀྱི་དམངས་ཁྲོད་དུ་ས་དེར་གཅིག་མཚུངས་ཀྱིས་ན་གོར་མོ་ཞེས་འབོད་ལདེང་སང་གོར་མོ་ཞེས་ན་ཡིག་བསྐྱུངས་ནས་འབྲི་བ་འདི་བཅིངས་གྲོལ་ཚུན་ལ་བྱུང་བའི་ན་གོར་མོའི་བསྡུས་མིང་དུ་གྱུར་ཡོདདེའི་བསྟན་དོན་ཅི་ཡིན་ཟེར་ནགནའ་བོའི་དུས་ན་ན་ཐང་ཆེན་པོ་དབྱིབས་ཀོར་མོར་ཡོད་པ་ཞིག་ཡིན་པས་དེ་ལྟར་ཐོགས་པར་བཤད་ལགནས་དེའི་ས་དབྱིབས་ནི་ལྟེ་བའི་ཐང་དམའ་ཞིང་མཐའ་འཁོར་མཐོ་བ་ཞིག་ཡིན་ཏེཐང་ལ་འདམ་རྩྭ་སྟུག་པོ་སྐྱེ་ཞིང་ན་ཆུ་འཁྱིལ་ནས་ཡོད་པས་འདམ་གཞོངས་(达布逊)དང་ན་ཆུ་ཐང་(纳赤台)ཞེས་འབོད་ཅིང་དེ་ལྟར་བོས་པའི་མིང་དེ་ཡང་མདོ་སྨད་ཀྱི་བོད་པ་རྣམས་སྔ་མོའི་དུས་ནས་བཏགས་པའི་བོད་མིང་རྣལ་མ་ཞིག་ཡིནགཞོངས་དང་ཐང་ཞེས་བྱུང་བ་ལས་སྔོན་ཆད་ན་ཐང་ཆེན་པོ་ཞིག་ཡིན་པར་ཤིན་ཏུ་མཐུནབོད་ཀྱི་ས་ཁུལ་དབུས་གཙང་ཤན་རྩ་རྫོང་དུའང་གོར་མོ་(古尔木)ཞེས་པའི་ས་མིང་ཞིག་ཡོད་ཅིང༌དེ་མ་ཟད་ས་གནས་གཞན་ན་ཡང་ན་གོར་ཞེས་པའི་ས་མིང་གང་མང་འདུག་པསཏུན་ཧོང་གཏེར་ཡིག་ལ་ཡང་ན་མར་ཞེས་པའི་ས་མིང་ཞིག་འབྱུང་ཞིང་དེའི་བསྟན་དོན་ནི་ཧ་ལམ་ས་མིང་འདིའི་གདགས་གཞིའི་ཆགས་ལུགས་དང་ཆ་འདྲ་བར་མངོནན་གོར་མོའི”མིང་དོན་རྒྱ་སྐད་ནང་འགྲེལ་བརྗོད་བྱས་ན་“圆形水草盆地ཞེས་པའི་དོན་ཡིན་པསས་མིང་འདི་ལ་སོག་སྐད་ཀྱིས་འགྲེལ་བའི་སྒྲ་དོན་གྱི་འཇུག་པ་གཏན་ནས་མི་འབྱོར་བའི་ཕྱིར་ནསོག་སྐད་མ་ཡིན་པ་སྟེ་སོག་མིང་གི་དྲི་མ་དང་དྲོ་བ་ཡེ་ནས་མི་མཆིས་སོ

 

༥. 德令哈

 

ས་མིང་འདི་སོག་སྐད་ལས་བཤད་ན་འཛམ་གླིང་དང་གསེར་མདོག་གི་རྩྭ་ཐང་ཞེས་དོན་མི་འདྲ་བ་གཉིས་ཀྱི་ངོས་ནས་འགྲེལ་བཞིན་ཡོདཡིན་ཀྱང་དེ་ལྟར་འགྲེལ་བ་ནི་ཁོ་ཚོའི་སྐད་ཆའི་ནང་ཏེ་ལེ་ཁེ་དང་德令哈གཉིས་སྒྲ་འདྲ་བས་ཡིན་ཟེར་པ་དང་གསེར་མདོག་གི་རྩྭ་ཐང་ནི་ས་གནས་ཀྱི་ཁྱད་ཆོས་ལ་གཞིགས་ནས་ཚིག་རྒྱན་གྱིས་བཏགས་པའི་མིང་གྲུབ་ཏུ་སྲིད་ཀྱང་དེའི་དོན་德令哈ཞེས་པའི་སྒྲ་གདངས་དང་སྦྱར་ན་དེ་བས་ཀྱང་གནས་ལུགས་མེད་དོ།། ལྷག་པར་དུ་ས་འདི་ནི་ཚྭ་འདམ་གཞོང་ལས་ཡུལ་གྲུ་ཆུང་ངུ་ཞིག་ཡིན་ཕྱིར་འཛམ་གླིང་ཞེས་པའི་མིང་སྦྱར་ན་ཤིན་དུ་འགལབོད་སྐད་ལས་བཤད་ན་འདིར་གཏེར་ཁ་ཟེར་ཞིང་གཏེར་རྫས་ཤིན་ཏུ་མང་བས་དེ་ལྟར་ཐོགས་པ་ཡིནགནས་འདི་དང་འདིའི་མིང་སོག་པོ་རྣམས་ཀྱིས་ཀྱང་བོད་དང་བོད་སྐད་ཡིན་པར་ཁས་ལེན་ཞིང་དོན་ནི་གཏེར་ཁའི་དོན་ལ་ཤིན་དུ་འཇུག་པའི་ས་མིང་ཞིག་སྟེའདིར་གསེར་ལུང་(赛林)ཞེས་འབོད་པའི་ས་ཆ་གཉིས་ཡོད་པས་དང་ཐོག་གཏེར་ཁར་འབྲེལ་ནས་བཏགས་པ་ཤིན་ཏུ་གསལདེ་མིན་ས་མིང་འདི་དང་འདོགས་ཚུལ་ཆ་འདྲ་བར་བྱུང་བ་ནིཏུནཧོང་གཏེར་ཡིག་ནང་གི་གནའ་བོའི་ས་མིང་ཙོང་ཀ་ཁ་དང་ཚལ་ཀ་ཁ་”“འདོང་ཀ་ཁ་།” “རབ་ཀ་ཁ་ སོགས་ཡིན་པས་གཞོལ་སྒོ་མཐུན་པར་དེ་ལྟ་རང་རེདགནས་འདིར་ད་དུང་འདོགས་ཚུལ་ཆ་འདྲ་བའི་བོད་ཀྱི་ས་མིང་ཚྭ་ཁདང་བ་བཞི་ཞིང་ཁ”“ཚ་ཚ་ཞིང་ཁ་རྣམས་ཡོདས་མིང་འདི་ཐོག་མར་རྒྱ་ཡིག་ལ་འགོད་སྐབས་德令哈ཞེས་བྲིས་པ་ནིབོད་སྐད་ཀྱི་སྒྲ་གདངས་སོག་སྐད་ལ་སྦྱར་པའི་ཀློག་ཚུལ་གྱི་མཇུག་འབྲས་སྟེགཏེར་ལ་གཏེ་ལེ་དང་ཁ་ལ་ཧྭ་”ཞེས་སོག་སྒྲའི་གདངས་དང་ལྡན་པར་བཀོད་པ་ཡིནབོད་སྐད་ལ་མཚོན་ན་འདི་དང་འདྲ་བའི་ས་མིང་གཏེར་ཁ་ལུང་དང་གཏེར་ལམགཏེར་ལུང་ཟེར་བ་ཤིན་ཏུ་མང་ཞིང༌གླིང་གེ་སར་རྒྱལ་བོའི་སྒྲུང་ཧོར་གླིང་གཡུལ་འགྱེད་ལས་ཀྱང་གཏེར་ཁ་ཞེས་པའི་མིང་འདི་བེད་ཚད་མཐོན་པོར་བཀོད་ཡོདདེང་གི་བོད་སྐད་ནང་དེར་གཏེར་ཁ་མི་ཟེར་བར་གཏེར་ལེན་ཁ་ཟེར་དོན་ནིམིང་གི་འབྱུང་རྐྱེན་ལ་རྩད་གཅོད་མ་བྱས་པར་རྒྱ་ཡིག་གི་ངོས་ནས་ཐད་ལོག་སྒྱུར་གྱིས་བཀླགས་པའི་འབྱུང་འབྲས་ཡིནལོ་འདི་ཚོའི་རིང་ལ་རྒྱལ་ཁབ་ཀྱི་འབྲེལ་ཡོད་ལས་ཁུངས་ཀྱིས་གནས་འདིར་བོད་ཀྱི་བང་སོ་དུ་མ་སྔོག་འདོན་བྱས་པ་ལསཔང་ལེབ་སྟེང་བྲིས་པའི་གནའ་བོའི་བོད་ཀྱི་ཡིག་རྙིང་བུད་པ་གསར་འགྱུར་ལས་ཐོས་མོདདངོས་སུ་ལྟ་ཐུབ་བའི་གོ་སྐབས་མ་བྱུང་བ་ནི་ཡིད་འཕངས་པ་ཞིག་གོམིང་འདིའི་གོ་དོན་རྒྱ་སྐད་ལ་འགྲེལ་ན་有矿的地方ཞེས་པའི་དོན་ཡིན

 

༦.  察尔汗

 

ས་མིང་འདི་སོག་སྐད་ལས་བཤད་ན་ལ་ལས་ཚྭའི་འཛམ་གླིང་ཟེར་ཞིང་ལ་ལས་མདོག་སྐྱ་བོ་”ཉིད་ཅེས་འགྲེལ་བཤད་གནང་མོདཁོ་ཚོའི་སྐད་དང་སྦྱར་ན་ཚྭ་ལ་ད་བོ་སུ་ཟེར་ཞིང་འཛམ་གླིང་ལ་ཏེ་ལེ་ཁེ་ཟེར་བ་དང་མདོག་སྐྱ་བོ་ལ་ཐོ་ཝོ་ལོ་ཚར་བ་ཟེར་བསབར་མ་ཕུད་སྔ་ཕྱི་གཉིས་ནི་察尔汗ཞེས་པའི་སྒྲ་གདངས་དང་འགལ་དྲགས་པར་འདུགདེར་ལྟོས་ན་ས་གནས་ཀྱི་ཁྱད་ཐོན་དངོས་རྫས་ལ་སྦྱར་ཏེ་ཅི་དགར་གྱིས་འགྲེལ་བ་བརྒྱབ་པ་ཤིན་ཏུ་གསལའོན་ཀྱང་བོད་སྐད་ལས་བཤད་ན་ཚྭ་ཁམས་ཞེས་འབྱུང་ཞིང་དེའི་སྒྲ་གདངས་察尔汗ལ་མཐུན་པ་མ་ཟདདོན་གྱི་ཆ་ནས་ཀྱང་ས་འདི་ནི་མུ་མཐའ་མེད་པའི་ཚྭ་ས་ཞིག་ཡིན་པསའཛམ་གླིང་སྟེང་ཚྭ་གཏེར་ཆེས་མང་བའི་ཐོན་ཁོངས་ཡོད་ཕྱིར་ཚྭ་ཁམས་ཞེས་པ་དོན་ལ་གནས་སོ།དེ་ཡང་ཁམས་ལ་ཞེས་པའི་སྒྲ་བྱུང་དོན་ནིཐོག་མར་ས་མིང་རྒྱ་ཡིག་ལ་འགོད་དུས་སོག་སྐད་ཀྱི་སྒྲ་ལ་སྦྱར་པའི་རྐྱེན་གྱིས་དེ་ལྟར་བྱུང་བ་རེདདེའི་དོན་རྒྱ་སྐད་ལ་འགྲེལ་ན་盐的区域ཞེས་པའི་དོན་ཡིན

 

༧. 大柴旦、小柴旦

 

ས་མིང་འདི་སོག་སྐད་ལ་བཤད་ན་ཁོ་ཚོའི་སྐད་ཡིན་པར་ལབ་མོད་རྒྱུན་མཚན་ཅི་ཡང་འདྲེན་རྒྱུ་མི་འདུགབདག་གིས་བལྟས་ན་མིང་འདི་གཉིས་ཀྱི་གདགས་གཞི་ཚྭ་འདམ་གཞོངས་སར་འདུག་ཅིང་དེར་ཚྭ་ཆུའི་འདམ་རྫིང་དང་མཚེའུ་མང་བོ་ཡོད་ཕྱིར་བོད་པ་རྣམས་ཚྭ་འདམ་”ཞེས་བརྗོད་པ་ལ་རྒྱ་ཡིག་ནང་柴旦”ཞེས་ཐོན་པ་ཤིན་ཏུ་གསལརྒྱ་ཡིག་ལ་柴旦ཞེས་བཀོད་པ་ནི་柴达木དང་ཁྱད་འབྱེད་ཕྱིར་སྒྲ་མི་འདྲ་བར་བཟོས་པ་ཡིན་ལདང་ཞེས་པ་ནི་རྒྱ་ཡིག་ནས་ཚྭ་འདམ་རྫིང་བུའི་ཆེ་ཆུང་ལྟར་བཏགས་པ་རེདམིང་དེ་གཉིས་རྒྱ་སྐད་ལ་འགྲེལ་ན་大盐泽、小盐泽ཞེས་པའི་དོན་ཡིན

 

༨. 诺木浑

 

ས་མིང་འདི་སོག་སྐད་ལས་གཤིས་འཇམ་གྱི་དོན་ཡིན་པར་བཤད་པ་ནིསོག་སྐད་ནང་གི་མིང་ཚིག་ནོ་མོ་ཧིན་དང་སྒྲ་གདངས་མཐུན་པ་ཙམ་རྒྱུ་མཚན་དུ་འདྲེན་པ་ལས་གཞན་ཅི་ཡང་མེདའོན་ཀྱང་ཡུལ་འདིའི་ཉེ་འཁོར་གྱི་བོད་མི་རྣམས་ཀྱིས་ས་ཆ་འདིར་རྨོཞེས་འབོད་བཞིན་ཡོད་ཅིང༌རྨོཞེས་པའི་སྒྲ་དང་དོད་མཚུངས་པའི་ས་མིང་ཞིག་ཐང་ཡིག་རྙིང་མ་ལ་莫贺ཞེས་འབྱུང་ལགནས་དེ་འབྲི་ཆུའི་ཆུ་འགོ་ནས་བྱང་ཕྱོགས་སུ་ལེ་བར་ལྔ་བརྒྱ་ན་ཡོད་ཞེས་གསལ་བོར་བཀོད་པསརྨ་བྱང་གི་ཡུལ་དེ་ཙམ་ན་ད་ལྟའང་འབོད་བཞིན་པའི་莫贺ཡོད་ལདེ་དང་ཁད་ཉེ་བའི་ནུབ་ཕྱོགས་ན་诺木浑ཞེས་པའི་ས་ཁུལ་འདི་ཡོད་པས诺木浑ཞེས་པ་དེ་ནིསོག་སྐད་ཀྱི་སྒྲ་གདངས་དང་སྦྱར་ཕྱིར་莫贺ལས་ཟུར་ཆགས་པ་ཡིན་པས།མིང་འདི་སོག་སྐད་མིན་པ་ཁག་ཐེག་བྱེད་ཐུབརྒྱུ་མཚན་ནི་གནས་དེར་གནའ་བོའི་དམག་མཁར་གྱི་ཤུལ་ཞིག་ཡོད་པ་དང་རྨོག་རུ་ཞེས་པའི་ཚོ་ཆེ་ཞིག་ཀྱང་དེ་དང་མི་རིང་བའི་མཚོ་སྔོན་ལྷོ་ངོགས་སུ་གནའ་ནས་་ཡོད་འདུགས་དེ་ཕྱོགས་ཀྱི་རྒྱ་ཡིག་དེབ་ཐེར་ལས་བཀོད་པའི་莫贺、莫合、莫何དག་ནི་རྨོག་ཞེས་པའི་བོད་སྐད་ཀྱི་སྒྲ་དྲངས་པ་མི་འདྲ་བར་ཐོན་པའི་མིང་གི་རྣམ་གྲངས་ཡིན་པ་སྙམ། དེ་མིན་བོད་ཀྱི་རྩ་བའི་རུས་ཆེན་བཞིའི་ཡ་གྱལ་ལྡོང་ལའང་རྨོག་ཚ་ཞེས་པའི་ནང་གསེས་ཡོད་པ་དང་།དེང་གི་ཚོ་མིང་དང་སྡེ་མིང་ལ་ཡང་རྨོག་ང་ངམ་རྨོག་རུཞེས་པའི་ཐ་སྙད་མང་དུ་འབྱུང་བ་བཅས་ཀྱི་ཆ་ནས་དཔགས་ན诺木浑ཞེས་པ་དེ་བོད་སྐད་ལ་རྨོགཞེས་འབྱུང་བ་ཤོས་ཆེ་བསདེའི་དོན་རྒྱ་སྐད་ལ་འགྲེལ་ན་盔部落ཞེས་པའི་དོན་ཡིན

 

༨. 都兰

 

ས་མིང་འདི་ནི་གཏེར་ལམ་དགོན་(都兰寺)”ཞེས་པའི་དགོན་པའི་མིང་ནས་བྱུང་བ་ཡིནསོག་སྐད་ལས་ཁ་གཅིག་གིས་བཤད་ན་དྲོད་འཁོལ་གྱི་དོན་ཡིན་ཟེར་མོདཁོ་ཚོའི་སྐད་ཆར་དྲོད་འཁོལ་གྱི་དོན་ལ་དོ་ལ་ཞེས་འབྱུང་བས་དེར་འཇུག་པར་སྨྲས་ཤིང་དེ་ནི་དོན་ལ་ཅི་བས་མི་འབྲེལ་ནའང་སྒྲ་གདངས་ཙམ་མཐུན་པ་རྒྱུན་མཚན་དུ་དྲངས་ནས་དེ་ལྟར་བཤད་པ་དང༌ཁ་གཅིག་གིས་བཤད་ན་དགོན་པའི་ཁྲི་བ་དང་བོའི་མཚན་ཟུར་ནས་འཕྲོས་ཏེ་ཐ་སྙད་དེ་བྱུང་བར་ཡང་བཤདགང་ལྟར་དོན་དངོས་ཀྱི་ཐོག་ས་དེ་དྲོ་ས་ཞིག་གཏན་ནས་མིན་ཞིང་སོག་པོའི་སྐྱ་མིང་དང་ལྷག་པར་དུ་གྲྭ་དགེ་སློང་གི་མཚན་ལའང་དེ་ལྟར་འབོད་པ་གཏན་ནས་མི་མཆིས་པསམིང་འདི་སོག་སྐད་དུ་སྨྲས་པ་ནི་འགྲེལ་བཤད་མི་འགྲོ་བ་ཤ་སྟག་ཅིག་ཏུ་མཐོང་བོད་སྐད་ཀྱི་ཆ་ནས་བཤད་ན་དགོན་པ་འདི་ནི་བོད་ཀྱི་ས་མིང་མཐོན་པོ་(铜普)དང་ཚེ་ཐར་(赛特尔)རི་བོའི་འདབས་ན་ཆགས་ཡོད་ལདང་ཐོག་བོད་ཀྱི་བཙུན་པ་རྣམས་སྒོམ་སྒྲུབ་བྱེད་པའི་མཚམས་ཁང་ཞིག་ཡིན་པ་དང་ཕྱིས་སུ་དེའི་རྨང་གཞིའི་སྟེང་ཤར་པ་བསྟན་སྐྱོང་ཞེས་འབྲས་སྤུངས་དགོན་པའི་བོད་ཀྱི་དགེ་བསྙེན་ཞིག་གིས་དགོན་པ་བཏབ་པསརྟེན་གཞིའི་གནས་དང་འདེབས་མཁན་གང་ཟག་གཉིས་ཀྱི་གང་གི་ཆ་ནས་ལྟོས་ཀྱང་སོག་སྐད་ཀྱི་མིང་ཐོགས་དོན་ག་ལ་ཡོདདེ་གའི་བཙུན་མ་རྣམས་ཀྱིས་བྲིས་པའི་དགོན་པའི་དཀར་ཆག་ཏུའང་གཏེར་ལམ་དགོན་དགའ་ལྡན་གསང་སྔགས་ཡར་འཕེལ་གླིང་ཞེས་བཀོད་ཡོད་པ་དང༌ཁོ་ཚོས་བསྒྲིགས་པའི་དགོན་པའི་གདན་རབས་ལ་ཡང་གཏེར་ལམ་དགོན་དགའ་ལྡན་གསང་སྔགས་ཡར་འཕེལ་གླིང་གི་གདན་རབས་[]ཞེས་པར་ཡང་དེ་བཞིན་ཉིད་ཀྱིས་བཀོད་ཡོད་པསགནའ་སྔ་མོའི་དུས་ནས་ཡུལ་འདིའི་ས་མིང་ལ་“གཏེར་ལམ་”ཞེས་འབོད་པ་དེ་གའི་གདན་རབས་ལའང་ཁ་གསལ་དུ་ཐོན་ཡོད་ཕྱིརགཏེར་ལམ་ཞེས་པ་བོད་སྐད་མ་ཡིན་ནོ་ཞེས་ཨུ་ཚུགས་ཀྱིས་བསྙོན་འདིང་བྱེད་པ་ལ་རྒྱུ་མཚན་ཅི་ཞིག་ཡོདགནས་དེ་ནི་གཏེར་ཁ་གཏེར་ལེན་ཁ་ལ་སོགས་པ་ནུབ་ཕྱོགས་ཀྱི་གཏེར་ས་གཏེར་ཡུལ་ལ་འགྲོ་བའི་ལམ་ཡིན་ཕྱིར་ས་མིང་ཡང་དེ་ལྟར་ཐོགས་པ་ནི་ནང་དོན་གྱི་ཆ་ནས་ལྟོས་ཀྱང་ལུགས་དང་མཐུན་ནོ།དེ་ཡང་དེང་གི་གཏེར་ལམ་རྫོང་གྲོང་ཆགས་ས་དེར་བོད་མི་རྣམས་ཀྱིས་ཆུ་དཀར་ཐང་ཟེར་ཞིང་དེ་ལོ་སྟོང་ཕྲག་ཡན་བྲིས་པའི་རྒྱའི་ལོ་རྒྱུས་ཡིག་ཆར་ཡང་白水ཞེས་བཀོད་ཡོདདེང་སང་དེར་察汗乌苏ཞེས་འབོད་པ་ནི་བོད་ཀྱི་མིང་དེ་སོག་སྐད་ལ་དོན་བསྒྱུར་བྱས་ནས་བྲིས་པ་ཡིན་པསའདི་ལས་ང་ཚོས་བོད་ཀྱི་ས་མིང་དེའི་ལོ་རྒྱུས་ཀྱི་ཕུ་ཐག་སོག་སྐད་ལས་རིང་ཞིང་ཁུངས་བཙུན་པ་ཤེས་ཐུབམིང་འདི་རྒྱ་སྐད་ལ་འགྲེལ་ན་通往矿区的路ཞེས་པའི་དོན་ཡིན་ནོ

 

མཇུག་གི་གཏམ

 

མདོར་ནགནས་འདིའི་ས་མིང་ཐམས་ཅད་སོག་སྐད་དུ་སྦྱོར་བ་ནིད་རག་བར་དུ་ཁོ་ཚོས་ཅི་དགར་བཤད་པ་ལ་དགག་ལན་མ་བཏབ་པར་རང་རྐྱ་འཕེར་བའི་བཞག་པའི་མཇུག་འབྲས་ཡིན་ཞིང་གནས་འདིའི་ས་རྒྱུས་དང་ལོ་རྒྱུས་ལ་ཆ་རྒྱུས་གཏན་ནས་མེད་པ་རྣམས་ཀྱིས་སོག་པོ་གནས་ས་ཞིག་ཏུ་བོད་ཀྱི་ས་མིང་ཐོགས་དོན་མེད་པས་མ་ཡིན་ནོ་ཞེས་མཐའ་གཅིག་ཏུ་དགག་བཞིན་ཡོད་ལལ་ལས་ཀྱང་ཉེ་ཆར་བསྒྲིགས་པའི་ཡུལ་བཤད་(地方志)ལ་བཀོད་པའི་ས་མིང་དེ་རིགས་ཁུངས་བཙུན་ཏུ་འཇོག་པར་མོས་ནས་རྦད་དེ་ཁ་ཚོན་གཅོད་པར་བྱེདདོན་དུ་ཡུལ་བཤད་(地方志)དེ་དག་ནང་གི་ས་མིང་སྐོར་དེ་ཁོ་ཚོས་ཅི་འདོད་དུ་བཀྲལ་བ་དེ་ལུགས་སུ་བཀོད་ནས་རྨོངས་ཚོད་ར་སྤྲོད་བྱས་པ་ཙམ་ལསཡིན་ལུགས་གཤའ་མ་ལུང་དང་རིགས་པ་བཀོད་ནས་ཞིབ་འཇུག་བྱས་ཏེལོ་རྒྱུས་དང་རིག་གནས་ཀྱི་ཆ་ནས་གཏན་ལ་ཕབ་པའི་འབྲས་བུ་མ་ཡིན་པ་ཤིན་ཏུ་གསལསོག་རིགས་ཀྱི་སྒྲིག་པ་པོ་ཞིག་ལ་མཚོན་ན་རང་སའི་ས་མིང་དག་ཅི་ནུས་ཀྱིས་སོག་སྐད་ལ་སྦྱོར་བ་ལས་བོད་སྐད་ལ་བསམ་བློ་གཏོང་མི་སྲིད་ཏེདཔེར་ན་ཁོ་ཚོས་སྒྲིག་པའི་དཔེ་དེབ་ཁ་ཁར་ལས་མཚོ་སྐྱ་རེངས་དང་མཚོ་སྔོ་རེངས་སོགས་ཀྱང་སོག་སྐད་ཡིན་པར་བཀོད་ཡོད་པ་སོགས་འཁྲུལ་བཤད་གང་མང་ལྡན་མོདདེ་ཡིན་པར་བགྱིས་པ་ལས་མ་ཡིན་པའི་འཐད་ཕྱོགས་བཟུང་ནས་དགག་སྒྲུབ་བྱེད་པ་གཅིག་ཀྱང་མི་འདུག་པ་ལྟ་བུའོ།། མེན་དང་ཆིན་རྒྱལ་རབས་ཀྱི་ལོ་རྒྱུས་སུ་གསལ་བོར་བསྟན་ཡོད་པ་ནི་སོག་པོ་རྣམས་གནས་འདིར་བསླེབས་དུས་བོད་རྣམས་དེ་མ་ཐག་རི་དྭགས་རྔོན་པར་འདྲོགས་པ་བཞིན་གཞན་སར་འཁྱམས་པ་མ་ཡིན་ཏེབོད་སོག་གཉིས་ཀ་ནི་འདིར་ལོ་ངོ་བརྒྱ་ཕྲག་དུ་མར་ཟིང་ཟིང་འཇགས་འཇགས་ངང་མཉམ་གནས་བྱས་ཞེས་བྱུང་བ་འདི་ཡིན་པསདུས་སྐབས་དེ་ནི་བོད་ཀྱི་ས་མིང་དག་བོད་སོག་གཉིས་ཀྱིས་མཉམ་སྤྱོད་བྱས་པ་དང་མཐའ་ནས་སོག་པོས་རྒྱུན་འཛིན་བྱས་པའི་ལོ་རྒྱུས་ཀྱི་དུས་རིམ་ཞིག་ཡིན་པ་ཤིན་ཏུ་གསལགནས་འདིའི་སོག་པོའི་བགྲེས་པོ་བགྲེས་མོ་མང་ཤས་ཀྱིས་བོད་སྐད་བྱང་ཆུབ་པར་སྨྲ་ཤེས་པ་དངཁོ་ཚོའི་སྐད་ཆ་དང་ཡུལ་སྲོལ་ནང་བོད་ཀྱི་ཐ་སྙད་དང་ཆ་ལུགས་འདྲེས་ཡོད་པ་འདིས་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དེ་བདེན་དཔུང་བྱེད་ཐུབསྤྱིར་སོག་སྐད་སྟེང་ནས་དོན་ལ་མི་འབྲེལ་བའི་འགྲེལ་ཚུལ་དེ་འདྲ་འབྱུང་བ་ལ་ཁག་མི་འདུག་མོདབོད་སྐད་ཀྱི་ངོས་ནས་ཀྱང་དེའི་རྒྱ་འགྱུར་གྱི་ནོར་འཁྲུལ་རྗེས་སུ་དཔྱོད་པ་མེད་པར་འབྲངས་ན་ལུགས་དང་མི་མཐུན་ནོ། དེ་བས་བདག་ལ་ཉམས་མྱོང་ཞིག་ཐོབ་པ་ནི་ས་མིང་འདི་རིགས་ཐོག་མར་རྒྱ་ཡིག་གི་ངོས་ནས་རིགས་སྒྲུབ་ཀྱིས་ར་སྤྲོད་ཁ་གསལ་གནང་རྗེས།སྐད་ཡིག་གཞན་ལའང་དེ་བཞིན་གྱིས་བསྒྱུར་ནས་རིག་པ་སྨྲ་བ་རྣམས་ལ་ཞིབ་དཔྱོད་ཀྱི་འཇུག་སྒོ་གསར་བ་བཏོད་ན་ད་ལྟའི་ཚུལ་བཞིན་ཉོག་དྲ་མི་འབྱུང་ཞིང༌ཞིབ་འཇུག་པ་མང་བོས་ཀྱང་དེའི་སྐོར་ཀྱི་རིག་གཞུང་གྲུབ་འབྲས་ལོངས་སྤྱོད་ཐུབ་པར་ཡོད་པ་མ་ཟད།མི་རིགས་གཞན་གྱི་ཀློག་པ་བོ་རྣམས་ནས་ཀྱང་དཔག་ཐུབ་པར་ཡོད་པས་ལོ་རྒྱུས་འཁྱོག་བཤད་ཀྱི་ཡོ་བསྲིང་བ་སོགས་ལ་དགེ་ཕན་ཆེན་པོ་ཡོད་པར་མཐོང་།

 

 

(ཨ་ལྡོང་དཔལ་རྡོ་ཐར་གྱིས་བརྩམས། ཨ་མདོའི་རིག་གནས་གླེང་བའི་གཏམ་ཚོགས་དེབ་ཕྲེང་དང་བོ་ལས་དྲངས)

 



[①]དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་(བོད་ཡིག) བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༠ལོའི་པར་ཐེངས་དང་བོ།P.༡༢༨

[②]གནས་མཆོག་ལྷ་སར་སྡོད་པའི་མཐོང་ཚུལ(རྒྱ་ཡིག) ཚའེ་པའེ་ཁའེ་ཧྥུས་བརྩམས།བང་ཞན་ཅིན་གྱིས་བསྒྱུར། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།p.༤༤

[③]བོད་ལྗོངས་གསར་དུ་མཐོང་བ་(རྒྱ་ཡིག) ཐའེ་ལུས་བརྩམས། ཀིན་ཧྲིན་གྱིས་བསྒྱུར། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།༡༩༩༩ལོའི་པར་ཐེངས་དང་བོ། P.༣༡

[④]དེབ་ཐེར་སྔོན་པོ་(བོད་ཡིག) ནུབ་བྱང་མི་རིགས་སློབ་གྲྭ་ཆེན་པོའི་མི་རིགས་ཞིབ་འཇུག་ཁང་གིས་༡༩༨༠ལོར་བསྒྲིགས།P.༧༧

[⑤]མཚོ་ནུབ་ཀྱི་ས་མིང་ཕྱོགས་བསྒྲིགས་(རྒྱ་ཡིག) མཚོ་ནུབ་ས་མིང་གཞུང་ལ་ཁང་གིས་༡༩༩༠ལོར་བསྒྲིགས།P.༦༥

[]གཏེར་ལམ་དགོན་པའི་དཀར་ཆག་མདོར་བསྡུས། (རྒྱ་བོད་སོག་ཡིག) ཐར་མོ་མཚོས་བརྩམས།མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་༡༩༩༠ལོའི་ཟླ་༡༢པར་ཐེངས་དང་བོར་དཔར།

 

上一条:གཉན་ཆེན་གུང་སྔོན་གྱི་ལོ་རྒྱུས་རགས་ཙམ་བརྗོད་པ།
下一条:རེབ་གོང་ས་ཁུལ་གྱི་སྟོང་འཇལ་བའི་ཡུལ་ཁྲིམས་སྐོར་གྱི་ལོ་རྒྱུས་འཕོ་འགྱུར།
关闭窗口
 
 
 
 
 学校首页 | 本站首页 | 专题研究 | 研究机构 | 科研成果 | 文献典籍 | 学者风采 | 动态新闻 | 藏文版 

版权所有:甘肃民族师范学院安多藏文化研究中心